14 November 2023

Dzongda and relevant officials from Dzongkhag administration, Regional Heads, DT Thrizin and Gups attended the program. Hundreds of people gathered along the way to receive blessings from the sacred relics and Sangha.

ད་རེ་ རང་ལུགས་གནམ་ལོ་ཆུ་མོ་ཡོས་ལོ་ རང་ཟླ་༡༠ པའི་ཚེས་༡ སྤྱི་ཟླ་༡༡ པའི་ཚེས་ ༡༤ ལུ་ གསར་སྤང་འོད་གསལ་ ཐེག་མཆོག་ཆོས་གླིང་རབ་སྡེ་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ དབྱར་གྱི་བཞུགས་གནས་ འཇིགས་མེད་ཆོས་གླིང་ གྲྭ་ཚང་ནས་ དགུན་གྱི་བཞུགས་གནས་ དགེ་ལེགས་ཕུག་འོད་གསལ་ཐོག་མཆོག་ཆོས་གླིང་གྲྭ་ཚང་ནང་གསོལ་ཐབ་བྱོན་གནང་ཡི།

དེ་ཡང་གྲྭ་ཚང་འདི་གཞུང་གྲྭ་ཚང་ལུ་རྩིས་མ་ཕུལ་བའི་སྔོན་མ་གཞལམ་སྒང་རྫོང་ཁག་ཏ་ལི་གྲྭ་ཚང་གི་དགེ་འདུམས་བྱོན་སྲོལ་ཡོད་རུང་ སྤྱི་ལོ་༡༩༩༨ ལུ་ གཞུང་གྲྭ་ཚང་གི་རྩིས་བཞེས་ཞིནམ་ལས་ཚུར་ འཕགས་པའི་དགེ་འདུནམ་དམངས་ འཇིགས་མེད་ཆོས་གླིང་ གྲྭ་ཚང་ནས་ གསོལ་ཐབ་བྱོན་ནི་གི་སྲོལ་འབྱུང་ནུག། འཕགས་པའི་དགེ་འདུནམ་དམངས་ དགུན་གྱི་བཞུགས་གནས་ དགེ་ ལེགས་ཕུག་ལུ་ ཟླ་ངོ་༦ གི་རིང་བཞུགས་ཏེ་ ལོག་དབྱར་གྱི་བཞུགས་གནས་འཇིགས་མེད་ཆོས་གླིང་ལུ་ གསོལ་ཕེབས་ གནང་ནི་ཨིན་པས།

ད་རེས་ འཕགས་པའི་དགེ་འདུནམ་གསོལ་ཐབ་ཀྱི་ལས་རིམ་ནང་ རྫོང་ཁག་བདག་སྐྱོང་ལས་རྫོང་བདག་གི་གཙོས་པའི་འབྲེལ་ ཡོད་འགོ་དཔོན་དང་ ལུང་ཕྱོགས་ཡིག་ཚང་ཁག་གི་འགོ་འཛིན་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་རྒཔོ་ཚུ་གི་ཞབས་སྐྱེལ་ ནང་བཅའ་མར་གཏོགས་ཡོདཔ་མ་ཚད་ བྱོན་ལམ་བདའ་ མི་སེར་བརྒྱ་ལས་བཅད་དེ་རྟེན་དབང་ཚུ་ཞུ་ཡོདཔ་ཨིན།

In keeping with the long-standing tradition, on the auspicious First Day of the Tenth Month of the lunar Calendar, the Monastic body of Sarpang Rabdey, led by Venerable Lam Neten, moved to the winter residence at Gelephu Dratsang. In the past, the monastic body used to move from Tali Dratsang under Zhemgang Dzongkhag to reside during winter. However, after Zhung Dratshang took over the Dratsang in 1998, this tradition was instituted.

The Sangha will spend at Gelephu for the next six months and return to their summer residence. Dzongda and relevant officials from Dzongkhag administration, Regional Heads, DT Thrizin and Gups attended the program. Hundreds of people gathered along the way to receive blessings from the sacred relics and Sangha.