རང་ཟླ་༤ པའི་ཚེས་༡ སྤྱི་ཟླ་༠༥ པའི་ཚེས་༢༠ལུ་ གསར་སྤང་འོད་གསལ་ཐེག་མཆོག་ཆོས་གླིང་རབ་སྡེ་གྲྭ་ཚང་གི་ འཕགས་པའི་དགེ་འདུན་ཚུ་ དགུན་གྱི་བཞུགས་གནས་ དགེ་ལེགས་ཕུག་འོད་གསལ་ཐེག་མཆོག་ཆོས་གླིང་ལས་ དབྱར་གྱི་བཞུགས་གནས་ འཇིགས་མེད་ཆོས་གླིང་གྲྭ་ཚང་ནང་ གསོལ་ཐབ་བྱོན་གནང་ཡི།
དེ་ཡང་ གྲྭ་ཚང་འདི་གཞུང་གྲྭ་ཚང་ལུ་རྩིས་མ་ཕུལ་བའི་སྔོན་མ་གཞལམ་སྒང་རྫོང་ཁག་ཏ་ལི་གྲྭ་ཚང་ནང་བྱོན་སྲོལ་ཡོད་རུང་ སྤྱི་ལོ་༡༩༩༨ ལུ་ གཞུང་གྲྭ་ཚང་གི་རྩིས་བཞེས་གནང་ཞིནམ་ལས་ཚུར་ འཕགས་པའི་དགེ་འདུན་དམངས་ འཇིགས་མེད་ཆོས་གླིང་གྲྭ་ཚང་ནང་ གསོལ་ཐབ་བྱོན་ནི་གི་སྲོལ་འབྱུང་ནུག། འཕགས་པའི་དགེ་འདུནམ་དམངས་ དབྱར་གྱི་བཞུགས་གནས་ འཇིགས་མེད་ཆོས་གླིང་ལུ་ ཟླ་ངོ་༦ གི་རིང་བཞུགས་སྟེ་ ཟླ་༡༠ པའི་ཚེས་༡ ལུ་ ལོག་དགུན་གྱི་བཞུགས་གནས་དགེ་ལེགས་ཕུག་ལུ་གསོལ་ཕེབས་གནང་ནི་ཨིན་པས།
ད་རེས་ འཕགས་པའི་དགེ་འདུན་གསོལ་ཐབ་ཀྱི་ལས་རིམ་ནང་ རྫོང་ཁག་བདག་སྐྱོང་ལས་རྫོང་བདག་གི་གཙོས་པའི་འབྲེལ་ཡོད་འགོ་དཔོན་དང་ ལུང་ཕྱོགས་ཡིག་ཚང་ཁག་གི་འགོ་འཛིན་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་རྒཔོ་ཚུ་གི་ཞབས་སྐྱེལ་ནང་བཅའ་མར་གཏོགས་ཡོདཔ་ཨིན། དགེ་ལེགས་ཕུག་ཁྲོམ་ལས་ འཇིགས་མེད་ཆོས་གླིང་ཚུན་གྱི་ གསོལ་ཐབ་བྱོན་ལམ་བདའ་སྟེ་ ནང་རྟེན་དང་འདུས་དམངས་ལས་ དབང་དང་སྙན་དར་ཕུལ་བར་ དད་མོས་ཅན་གྱི་མི་སེར་བརྒྱ་ལས་བཅད་དེ་འཛོམས་ཡོདཔ་ཨིན།
In keeping with the long-standing tradition, on the auspicious First Day of the Fourth Month of the lunar Calendar, the Monastic body of Sarpang Rabdey, led by Venerable Lam Neten, moved to the summer residence at Jigmechoeling Dratsang. In the past, the monastic body used to move to Tali Dratsang under Zhemgang Dzongkhag to reside during summer. However, after Zhung Dratshang took over the Dratsang in 1998, the summer residence was shifted to Jigmechoeling Dratsang under Jigemcholing Gewog, Sarpang.
The Sangha will reside at Jigemcholing for next six months and return to their winter residence on the First Day of the Tenth Month in the lunar calendar. Dzongda and relevant officials from Dzongkhag administration, Regional Heads, DT Thrizin and Gups attended the program. Hundreds of devotees gathered along the way to receive blessings from the sacred relics and Sangha.